English

ཝིན་ཌོ་XP  ཚུ་ནང་ལུ་རྫོང་ཁ་རྒྱབ་སྐྱོར་འབད་ཐབས།

ངོ་སྤྲོད།

ཝིན་ཌོ་ (Windows) XP གི་འཐོན་རིམས་དང་ ཝིན་ཌོ་ (Windows) 2000 ཚུ་ནང་གཤམ་ལུ་བཀོད་ཡོད་པའི་གནས་ཚིག་ཚུ་ཡོད་པ་ཅིན་ རྫོང་ཁའི་ཡུ་ནི་ཀོཌ་ (Unicode) འདི་ལེགས་ཤོམ་འབད་འབད་སྤྱོད་གཏང་ཚུགས།

  • དང་པ་  གློག་རིག་དེ་ཚུ་ནང་ལུ་ཧེ་མ་ལས་བཙུགས་ཡོད་པའི་ རྫོང་ཁའི་ ཡུ་ནི་ཀོཌ་ (Unicode) font ཅིག་དགོ
  • གཉིས་པ་  སྣ་མང་གི་ཡི་གུ་ཚུ་ཡང་ གློག་རིག་དེ་ནང་ལུ་རྒྱབ་སྐྱོར་འབད་ཚུགསཔ་བཟོ་དགོ
  • གསུམ་པ་  གློག་རིག་དེ་ཚུའི་ནང་ཡོད་པའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe / USP10. DLL) ཟེར་སྣ་འདུས་ཀྱི་ཡི་གུ་ཚུ་གི་བཟོ་བཀོད་བཟོ་བཏུབ་པའི་ འཕྲུལ་ཆས་འདི་ རྫོང་ཁ་དང་བོད་ཀྱི་ཡི་གུ་གློག་རིག་ནང་མཐོང་ཚུགསཔ་བཟོ་ནིའི་ རྒྱབ་སྐྱོར་གྱི་འཐོན་རིམས་ལུ་ཡར་དྲག་གཏང་དགོ
  • བཞི་པ་  རྫོང་ཁ་ ཡུ་ནི་ཀོཌ་ (Unicode) མཛུབ་གནོན་བརྐྱབ་ནི་དང་ ཞུན་དག་བརྐྱབ་བཏུབ་བཟོ་ནིའི་དོན་ལས་ རྫོང་ཁའི་ལྡེ་སྒྲོམ་ (Keyboard) བཙུག་དགོ
  • ལྔ་པ་  སྣ་འདུས་ཀྱི་ཡི་གུ་དང་ལྡན་པའི་རྫོང་ཁ་འདི་ གློག་རིག་ནང་ལུ་ལེགས་ཤོམ་འབད་ ལག་ལེན་ལྟར་ཐབས་ལུ་ དེའི་སྒྲིག་རིམས་སོ་སོ་འབད་བཙུག་དགོ

གསལ་བཤད་འདི་གིས་ གློག་རིག་ ཝིན་ཌོས་(Windows) ནང་ སྣ་མང་གི་ཡི་གུ་ཚུ་དཀའ་ངལ་མེད་དཔར་གསལ་སྟོན་འབད་ཐབས་དང་འཕྲུལ་ཆས་ཡུ་ནི་ ཨིས་ཀྲཨིབ་ (Uniscribe) འདི་དུས་མཐུན་ བཟོ་སྟེ་ རྫོང་ཁ་རྒྱབ་སྐྱོར་འབད་ཚུགསཔ་བཟོ་ནིའི་ ལམ་སྟོན་གྱི་དོན་ལུ་དམིགས་གཏད་བསྐྱེད་དེ་ཡོད།

མཆན་རྟགས: གཤམ་ལུ་བཀོད་དེ་ཡོད་པའི་ ཡན་ལག་གཉིས་པའི་ ཝིན་ཌོས་ (Windows) གི་རྒྱབ་སྐྱོར་བཙུག་ནིའི་བྱ་རིམ་འདི་ལུ་ ཡང་ན་ (XP) གི་མཉེན་ཆ་ (Software) བཙུག་ནིའི་ (CD) ངོ་མ་འདི་དགོཔ་ཨིན།

 

ཡན་ལག་དང་པ་ ཝིན་ཌོས་ (Windows) ནང་ལུ་སྣ་འདུས་ཀྱི་ཡི་གུ་སྒྲིག་ནུས་པའི་རྒྱབ་སྐྱོར་འབད་ཐབས།

རྫོང་ཁའི་ཡི་གུ་འདི་ སྣ་འདུས་ཀྱི་ཡི་གུ་ཅིག་ཨིནམ་ལས་ སྣ་འདུས་ཀྱི་ཡི་གུ་ཟེར་མི་འདི་ དབྱངས་དང་མགོ་ཅན་བརྩེགས་པ་ག་ར་མིང་གཞི་དང་སྔོན་རྗེས་ཀྱི་ཡི་གུ་ཚུ་དང་ བསྒྲིག་དགོཔ་ཡོདཔ་ལས་ དེ་ཚུ་མཛུབ་གནོན་བརྐྱབ་པའི་སྐབས་ལུ་ དེའི་བཀོད་པ་སྒྲིག་ཚུགསཔ་ཡོད་མི་འདི་ལུ་སྣ་མང་གི་ཡི་གུ་ཟེར་གོ་ནི་ཨིན། དེ་གིས་མ་ཚད་དཔར་ སྣ་མང་གི་ཡི་གུ་ཡོད་པའི་ཁ་སྐད་གཞན་ཡང་ཡོདཔ་ལས་ དེ་ཚུ་ སཾ་སྐྲྀ་ཏ། ཧིན་དྷི་དང་ནེ་པ་ལི་ (དེ་ཝ་ནཱ་གྷ་རའི་ཡི་གུ) Arabic དང་ Urdu (གི་ཡི་གུ) དེ་ལས་ Thai གི་ཡི་ཚུ་ཨིན།།

ཝིན་ཌོ་ (Window) XP དང་ ཝིན་ཌོ་ (Window) 2000 ནང་ལུ་སྣ་མང་གི་ཡི་གུ་སྒྲིག་བཏུབ་བཟོ་ཚུགས་པའི་རྒྱབ་སྐྱོར་གྱི་ཆ ་མཉམ་འདེབས་འབད་དེ་འོངམ་ཨིན།

ཁྱོད་རའི་གློག་རིག་འདི་ནང་ལུ་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་འཐོན་རིམ་འདི་ལེགས་ཤོམ་འབད་མ་བཙུགས་པ་ཅིན་ ཡི་གུའི་སྣང་ཚུལ་འདི་གཤམ་ལུ་བཀོད་ཡོད་མི་དཔེ་དང་པོ་ བཟུམ་སྦེ་རྫོང་ཁའི་ཡི་གུ་འཐོན་རུང་ སྒྲིག་བཀོད་མེདཔ་སྦེ་གསལ་སྟོན་འབདཝ་ཨིན། དེ་འབདཝ་ལས་བརྟེན་ ཁྱོད་ཀྱི་ང་བཅས་ན་ལས་རིན་མེད་སྟོང་དཔར་ཐོབ་ཚུགས་པའི་ ཇོ་མོ་ལྷ་རིའི་ཡི་གུ་ འདི་བེད་སྤྱོད་གཏང་རུང་བཏུབ་ཨིན།།

ཁྱོད་རའི་གློག་རིག་ནང་ལུ་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་འཐོན་རིམ་འདི་བཙུགས་སྟེ་ཡོད་པ་ཅིན་ སྣ་འདུས་ཀྱི་ཡི་གུའི་སྣང་ཚུལ་འདི་ གཤམ་ལུ་བཀོད་ཡོད་མི་དཔེ་ གཉིས་པ་བཟུམ་སྦེ་ལེགས་ཤོམ་འབད་གསལ་སྟོན་འབདཝ་ཨིན།

example 1   example 2

   

གལ་སྲིད་ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་འཐོན་རིམ་འདི་བཙུགས་ཏེ་མེད་པ་ཅིན་ ཡི་གུ་གོང་ལུ་བཀོད་དོ་བཟུམ་སྦེ་འཐོན་ནི་ཨིན། ག་དེམ་ཅིག་འབད་ཁྱོད་ཀྱི་གློག་རིག་འཕྲུལ་ཆའི་ནང་ལུ་ དུས་མཐུན་བཟོ་ཡོད་པའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་འཐོན་རིམ་འདི་བཙུགས་ཏེ་ཡོད་པ་ཅིན་ གཤམ་ལུ་བཀོད་དེ་ཡོད་མི་བཟུམ་གསལ་སྟོན་འབདཝ་ཨིན།།

 
 

སྦྲུལ།
browser test
 

གོང་ལུ་བཀོད་པའི་དཔེ་རིས་དེ་གིས་ དེ་འཕྲལ་ལས་ (HMTL code) འདི་ལག་ལེན་འཐབ་ཨིན། གལ་སྲིད་ཁྱོད་ཀྱི་ཡོངས་འབྲེལ་བརྡ་འཚོལ་འདི་གིས་ ཡི་གུ་དེ་བཟུམ་སྦེ་གསལ་སྟོན་འབད་བ་ཅིན་ ཁྱོད་ཀྱི་གློག་རིག་གི་འཕྲུལ་ཆ་ནང་ལུ་ སྣ་མང་གི་ཡི་གུ་སྒྲིག་བཏུབ་པའི་ ཡུ་ནི་ཨིས་ཀྲཨིབ་ (Uniscribe) གི་འཐོན་རིམ་འདི་བཙུགས་ཏེ་ཡོདཔ་ཨིན།

གལ་སྲིད་ ཁྱོད་ཀྱི་བརྡ་འཚོལ་འདི་གིས་ ཡི་གུ་དེ་བཟུམ་སྦེ་གསལ་སྟོན་མ་འབད་བ་ཅིན་ ཁྱོད་ཀྱིས་འོག་ལུ་གསལ་ཏེ་ཡོད་པའི་ཐབས་ཤེས་ཚུ་མཛད་དགོ

Control Panel ནང་གི་སྣ་འདུས་ཀྱི་ཡི་གུ་ཚུ་ ཝིན་ཌོས་ (Windows) ཚུ་ནང་སྒྲིག་བཏུབ་བཟོ་ཐབས།

དང་པ་རང་ Settings > Control Panel > Regional and Language Options འདི་འདུས་མཐུན་བཟོ་དགོཔ་ད་ དེ་གིས་སྣ་འདུས་ཀྱི་ཡི་གུ་ཚུ་འབྲི་བའི་སྐབས་ལུ་ལེགས་ཤོམ་འབད་སྒྲིག་བཏུབ་པའི་རྒྱབ་སྐྱོར་འབདཝ་ཨིན། དེ་འབད་ནིའི་དོན་ལུ་ ཝིན་ཌོས་ (Windows desktop) དེ་ནང་ཡོད་པའི་འགོ་བཙུག་ནིའི་ཨེབ་རྟ་ (Start Start button) ལུ་ཨེབ་གཏང་འབད་ཞིནམ་ལས་ (Control Panel) འདི་གདམ་འཐུ་འབད་དགོ

དེ་ལས་ Control Panel > category > Date, Time, Regional and Language Options ནང་ཨེབ་གཏང་འབད་དགོ

Task pane ནང་ལས་ Add other Languages འདི་གདམ་འཐུ་འབད་དགོ

Regional and Language dialog གི་ནང་ལས་ Languages འདི་གདམ་ཁ་བརྐྱབ་ཞིནམ་ལས་ དོ་རུང་དེའི་གཟུར་ལུ་ཡོད་པའི་ Install files for complex script and right-to-left languages ཟེར་མི་འདི་གདམ་ཁ་བརྐྱབ་དགོ

དེ་སྦེ་གདམ་ཁ་བརྐྱབ་ཞིནམ་ལས་ འོག་ལུ་ཡོད་པའི་བརྡ་འཕྲིན་གྱི་སྒྲོམ་ (Message box) འདི་གསལ་སྟོན་འབདཝ་ཨིན།

བརྡ་འཕྲིན་གྱི་སྒྲོམ་འདི་ཁ་སྡམ་ནིའི་དོན་ལུ་ OK ནང་ཨེབ་གཏང་འབད་དགོཔ་མ་ཚད་ Regional and Language Options དེ་ནང་ལུ་ཡང་ OK ཟེར་མི་ལུ་ཨེབ་གཏང་འབད་དགོ

བྱ་རིམ་འདི་ཁ་ལུ་ལྷོདཔ་ད་ གློག་རིག་འདི་གིས་ཁག་ཆེ་བའི་ཡིག་ཆའི་རིགས་འདྲ་བཤུས་བརྐྱབ་ནིའི་དོན་ལུ་ ཝིན་ཌོ་ (Window) XP དང་ ཝིན་ཌོ་ (Window) 2000 གི་སི་འཁོར་ CD བཙུག་དགོ་པའི་བྲད་བཀོད་འབད་འོང་

ཝིན་ཌོ་ (Window) XP དང་ ཝིན་ཌོ་ (Window) 2000 གི་སི་འཁོར་ CD འདི་གློག་རིག་དེ་དང་མཉམ་འོང་མི་ངོ་མ་མེན་རུང་ འདྲ་བརྫུན་དེ་དང་མཚུངས་པའི་འཐོན་རིམ་ཡོད་པ་ཅིན་བཏུབ་ཨིན།
ཡིག་ཆའི་རིགས་ཚུ་འདྲ་བཤུས་བརྐྱབ་པའི་སྐབས་ལུ་ དུས་ཚོད་སྐར་མ་གཅིག་དང་གཉིས་ཀྱི་བར་འགོརཝ་ཨིན།

ཡིག་ཆའི་རིགས་ཚུ་འདྲ་བཤུས་བརྐྱབ་ཚར་ཞིནམ་ལས་ དེའི་བྱ་རིམ་ཚུ་འཕྲོ་མཐུད་དི་རང་མ་འབད་བར་ གློག་རིག་འདི་བསད་དི་ལོག་འགོ་ལས་བཙུག་དགོ