English

རྫོང་ཁའི་ལྡེ་སྒྲོམ་ བཙུག་ཐབས།

རྫོང་ཁའི་ལྡེ་སྒྲོམ།

རྫོང་ཁ་དང་ ཆོས་སྐད་ཀྱི་ཡི་གུ་གློག་རིག་ནང་བཙུག་ནིའི་ཐབས་ཤེས་འཇམ་ཤོས་རང་ རྫོང་ཁའི་སྒྲིག་བཀོད་བཙུག་ནི་འདི་ཨིན། སྒྲིག་བཀོད་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ དང་ བརྡ་དོན་དང་འཕྲུལ་རིག་ལས་ཁུངས་ (DIT) གཉིས་ མཉམ་འབྲེལ་ཐོག་གསལ་བཀོད་འབད་དེ་ཡོདཔ་ཨིནམ་ད་ རྫོང་ཁའི་སྒྲིག་བཀོད་ལྡེ་སྒྲོམ་གྱི་འགྲེལ་བཤད་དང་ དེའི་རྒྱབ་སྐྱོར་ཚུ་ Linux དང་ Macintosh གློག་རིག་ཚུ་ནང་ལུ་འཇུག་བཏུབ་ཨིན།།

ཝིན་ཌོས་ (Windows) གི་དོན་ལུ་རྫོང་ཁའི་ལྡེ་སྒྲོམ།

ཝིན་ཌོ་ (Window) XP:

ཝིན་ཌོ་ (Window) XP 2003 གྱི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ དང་ བརྡ་དོན་འཕྲུལ་རིག་ལས་ཁུངས་ (DIT) གཉིས་མཉམ་རུབ་ཐོག་ རྫོང་ཁ་གློག་རིག་ལས་འགུལ་གྱི་ཡན་ལག་འབད་ རྫོང་ཁའི་ལྡེ་སྒྲོམ་འདི་གཞི་བཙུག་འབད་དེ་ཡོདཔ་ཨིན།

རྫོང་ཁའི་ལྡེ་སྒྲོམ་འདིའི་གནས་སྡུད་སྤོ་ནི་དང་ བཙུག་ནིའི་བསླབ་སྟོན།
  • གནས་བསྡུད་སྤོ་སྟེ་ Zip archives ནང་ཡོད་པའི་ཡག་ཆ་ཚུ་བཏོན་ཏེ་ གནས་སྐབས་ཀྱི་ཡིག་སྣོད་ནང་བཙུག་བཞག་དགོ
  • ཁྱོད་ཀྱིས་ གནས་སྐབས་ཀྱི་ཡིག་ཆ་ཚུ་འཚོལ་གྲུབ་འབད་ནིའི་དོན་ལུ་ ཝིན་ཌོས་ (Windows) Explorer ནང་ལས་འགྱོ་དགོ
  • Installer file kbz_Dz.msi འདི་ལུ་ ཨེབ་གཏང་ཚར་གཉིས་འབད་དགོ

རྫོང་ཁའི་ལྡེ་སྒྲོམ་འདི་བཙུག་ཚར་ཞིནམ་ལས་ ཝིན་ཌོ་ (Window) XP གིས་རྒྱབ་སྐྱོར་འབད་བའི་ལྡེ་སྒྲོམ་འདི་སྐད་ཡིག་ཅིག་ལུ་སྤྲོད་དགོ ཨིན་རུང་ ཝིན་ཌོ་ (Window) XP གི་ནང་ལུ་གཞུང་འབྲེལ་གྱི་ཐོག་ལས་ རྫོང་ཁའི་ལྡེ་སྒྲོམ་རྒྱབ་སྐྱོར་མི་འབདཝ་ལས་བརྟེན་ རྫོང་ཁའི་ལྡེ་སྒྲོམ་འདུ་རྒྱབ་སྐྱོར་འབད་ཐབས་ལུ་ སྐད་ཡིག་གཞན་གཅིག་ལུ་ལཱ་འགན་སྤྲོད་དགོ དེ་བསྒྲུབ་ཐབས་ལུ་

  • Start Menu ལས་ Control Panel ནང་འགྱོ་ཞིནམ་ལས་
  • Regional and language Options འདི་བཙག་འཐུ་འབད་དགོ
  • Language Tab > “ Details ” > “ Add ”
  • “Input Language” > བེད་སྤྱོད་མ་གཏང་པའི་ཁ་སྐད་ དཔེར་ན་ (“Islandic’’ སྦེ་རུང་ “Konkani”) བཟུམ་གདམས་ཁ་རྐྱབ་སྟེ་
  • Keyboard layout/IME འདི་གི་འོག་ལུ་ཡོད་པའི་ “ Dzongkha ” འདི་གདམ་འཐུ་རྐྱབ་སྟེ་ (Ok) ལུ་ཨེབ་གཏང་འབད་དགོ

རྫོང་ཁའི་ལྡེ་སྒྲོམའདི་བཙུག་ནིའི་བྱ་རིམ་འདི་ གློག་རིག་གི་ཁ་སྐད་གཅིག་ལུ་སྤྲོད་ཡོདཔ་ལས་བརྟེན་ གློག་རིག་གི་གསལ་གཞིའི་གཤམ་ཕྱོགས་ཀྱི་ Taskbar ནང་ལུ་ “Islandic” ཡང་ན་ “Konkani” གང་རུང་གཉིས་ལས་ཁྱོད་ཀྱིས་ སྐད་རིགས་ག་ལུ་རྩིས་སྤྲོད་ཡོདཔ་ཨིན་ན་ འ་ནི་འདི་ Language bar ནང་ལུ་གསལ་སྟོན་འབདཝ་ཨིན། གལ་སྲིད་ Language bar ནང་ལུ་མེད་པ་ཅིན་

  • Control Panel > Regional and language Options འདི་གདམ་ཁ་རྐྱབ་དགོ
  • Language Tab གི་འོག་ལུ་ཡོད་པའི་ Text Service & Input Language > “Details” ལུ་ཨེབ་གཏང་འབད་དགོ
  • Setting Tab གི་འོག་ལུ་ཡོད་པའི་ Language bar འདི་ཨེབ་གཏང་འབད་དགོཔ་མ་ཚད་ དེའི་གཟུར་ལུ་ཡོད་པའི་ སྒྲོམ་འདི་ཡང་ Language bar འདི་ཁྱོད་རའི་གློག་རིག་གི་གསལ་གཞི་ནང་ལུ་གསལ་སྟོན་འབད་ནིའི་དོན་ལུ་ ཨེབ་གཏང་འབད་དགོཨིན།

ཝིན་ཌོ་ཝིས་ཊ་(Window) Vista

མཻ་ཀྲོ་ཧོཕཊ་ Microsoft ཝིན་ཌོ་ཝིས་ཊ་ (Window) Vista འདི་དང་མཉམ་ཅིག་ རྫོང་ཁ་དང་ཆོས་སྐད་ཀྱི་ཡི་གུ་ཚུ་ཞབས་ཏོག་ཞུ་ནི་དང་ ཤོག་གྲངས་རིམ་བསྒྲིག་འབད་ནིའི་དོན་ལུ་ རྒྱབ་སྐྱོར་གྱི་མཉེན་ཆས་ (Software) འདི་ལེགས་ཤོམ་བཙུགས་ཡོདཔ་ཨིན་རུང་ ད་རེས་ནངས་པའི་འཐོན་རིམ་གྱི་གློག་རིག་ ཝིན་ཌོ་ཝིས་ཊ་ (Window) Vista ཚུ་ནང་འབྲུག་པའི་ས་ཁུལ་ཡང་ན་ རྫོང་ཁའི་ལྡེ་སྒྲོམ་གྱི་སྒྲིག་བཀོད་གཞི་བཙུག་འབད་དེ་མེདཔ་ལས་བརྟེན་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ རྫོང་ཁ་དང་ཆོས་སྐད་ལག་ལེན་འཐབ་མི་ཚུ་ལུ་ དེ་གཞི་བཙུགས་འབད་ནིའི་དོན་ལུ་ཐོབ་ཚུགསཔ་བཟོ་ཡོདཔ་ཨིན༎

ལོགས་སུ་བཀོད་དེ་ཡོད་པའི་ཤོག་གྲོངས་ལུ་ Dzongkha Keyboard & Bhutanese locale for Window VistaVista གཟིགས་གནང་

ཝིན་ཌོ་ (Window) Vista ལག་ལེན་འཐབ་མི་ཚུ་ལུ་ ང་བཅས་ཀྱི་རྫོང་ཁའི་འཐོན་རིམ་གྱི་ ཡོངས་འབྲེལ་ཤོག་གྲངས་ འདི་ལེགས་ཤོམ་འབད་གསལ་སྟོན་འབད་ཐབས་ལུ་ རྫོང་ཁའི་ ཡིག་གཟུགས་ཇོ་མོ་ལྷ་རི་ འདི་བཙུགས་དགོཔ་ཨིན།

ལིནགསི།

ལིནགསི་ཀྲམ་སྤེལ་གྱི་ཡན་ལག་ X Windows / XFree86 windowing system ཟེར་མི་འི་ནང་ལུ་ རྫོང་ཁའི་ལྡེ་སྒྲོམ་ཡང་ཚུད་དེ་ཡོདཔ་ཨིན།

Mac OSX གི་དོན་ལུ་ རྫོང་ཁའི་ལྡེ་སྒྲོམ་གི་སྒྲིག་བཀོད།

Mac OSX གི་དོན་ལུ་ རྫོང་ཁའི་ལྡེ་སྒྲོམ་གི་སྒྲིག་བཀོད་ཀྱི་ཡན་ལག་བཟུམ་ཅིག་སྦེ་ རྫོང་ཁའི་ལྡེ་སྒྲོམ་འདི་ ལིནགསི་བཀྲེམ་སྤེལ་ནང་ཚུད་དི་ཡོདཔ་ཨིནམ་ལས་ ཀྲྀསི་ཝལཀར་ Chris Walker གི་གསར་བཟོ་འབད་དེ་ཡོད་པའི་

ཡི་གུ་བཙུག་ནིའི་དོན་ལུ་ཐབས་ལམ་གཞན།

TISE

TISE ཟེར་མི་འདི་ རྫོང་ཁ་དང་ཆོས་སྐོད་ཀྱི་ཡི་གུ་བཙུགས་ནིའི་ཐབས་ལམ་གཅིག་ཨིན། དེ་ཡང་ EWTS ཡང་ན་ Extended Wylie Transliteration Scheme ཟེར་བའི་ཐབས་ལམ་ Wylie transcription method known as the Wylie Transliteration གི་འཐོན་རིམ་ལག་ལེན་འཐབ་པའི་ཐོག་ལས་ Romanised རྫོང་ཁའི་ཡི་གུ་མཛུབ་མནན་རྐྱབས་མི་ཐོག་ལུ་གཞི་རྟེན་འབདཝ་ཨིན། སྒྲ་སྒྱུར་གྱི་འཆར་གཞིའམ་ (Transliteration Scheme) ཟེར་མི་འདི་ གློག་འབྲེལ་མི་མང་དངོས་ཐོའི་ལྷོད་ལམ་ OPAC ལག་ལེན་འཐབ་ཐངས་ཅོག་འཐདཔ་མ་ཚད་ དེ་བཙུག་ནིའི་ཐབས་ལམ་ཡང་ རྒྱལ་ཡོངས་དཔེ་མཛོད་ཀྱིས་ ཕུལ་ཡོད་པའི་དགེ་སློག་རིན་ཆེན་དང་ པདྨ་ཚེ་དབང་གི་ཡིག་གཟུགས་བཙུགས་དོ་བཟུམ་སྦེ་ཨིན༎

རྫོང་ཁ་ཡུ་ནི་ཀོཌ (Unicode) དང་མཉམ་གཅིག་ TISE འདི་བེད་སྤྱོད་གཏང་བཏུབ་ཨིན། TISE ཟེར་མི་འདི་ གྲེ་གོ་རི་ མོཀཧིཎ་ (Gregory Mokhin) གིས་གསར་བཟོ་འབད་ཡོདཔ་ད་ དེ་འབདཝ་ད་ ཡིག་གཟུགས་འདི་མཻ་ཀྲོ་སོཕཊ་ཝིན་ཌོས་་ Microdoft Window (2000/Xp/Vista) ཚུ་ནང་རྐྱངམ་གཅིག་ལག་ལེན་འཐབ་བཏུབ་ཨིན༎

གནས་འཐོན་ཡོད་པའི་ TISE གི་འཐོན་རིམ་འདི་ གནས་སྡུད་འདི་ནང་ལས་སྤོ་ ཚུགས།

འབྲེལ་མཐུན་དེ་ནང་ལུ་ཡང་གཟིགས་གནང་།