English

འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་ཡན་ལག

དཔེ་མཛོད་ཀྱི་ཡན་ལག ཀྲོང་གསར། ཀུན་དགའ་རབ་བརྟན།

ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་ཡན་ལག་གཅིག་ ཀྲོང་གསར་རྫོང་ཁག་ལས་ཧ་ལམ་ཀི་ལོ་མི་ཊར་ ༢༥ དེམ་ཅིག་གི་ས་ཁར་ཆགས་ཏེ་ཡོད་པའི་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་གཉིས་པའི་གདན་ས་ཀུན་དགའ་རབ་བརྟན་ལུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན༎

དཔེ་མཛོད་ཡན་ལག་ནང་ལུ་ གནས་སྐབས་ཅིག་བོད་དབུས་གཙང་དག་པའི་སྐད་དམ་ ཆོས་སྐད་ནང་ལུ་བྲིས་ཏེ་ཡོད་པའི་ནང་པའི་གསུང་རབས་ཀྱི་ཕྱག་དཔེ་ཚུ་ བསྡུ་བསྒྲུབས་འབད་དེ་ཡོདཔ་མ་ཚད་ བཅོལ་འཇོག་བཅའ་ཁྲིམས་ལྟར་དུ་འབྱོར་བའི་དཔེ་དེབ་ཡང་ན་ དཔེ་ཆ་གང་རུང་འདྲ་ ༣ ལས་ གཅིག་དེ་ཁར་བཏང་སྟེ་མི་དམངས་ཀྱི་དོན་ལུ་ མཁོ་བསྒྲུབས་འབད་དེ་ཡོད༎