English

དཔེ་མཛོད་ཀྱི་འཐུས་མི།

དཔེ་མཛོད་ཀྱི་འཐུས་མི་ཚུ་ དམིགས་བསལ་གྱི་ཐོབ་དབང་འཆང་མི་ཅིག་ཨིན། ཐོ་བཀོད་འབད་ཡོད་པའི་འཐུས་མི་ཚུ་གིས་ དཔེ་མཛོད་འདི་ནང་ལས་འཁོར་སྤྱོད་འོས་པའི་ ཕྱག་དཔེ་དང་དཔེ་དེབ་བརྙ་ནི་ དེ་ལས་ འདི་ནང་ལུ་ཡོད་པའི་ ཐུན་མོང་གི་མཐུན་རྐྱེན་ཚུ་ དཔེ་ཀློག་ཁང་མིག་འདི་ནང་ བེད་སྤྱོད་གཏང་ཆོག་ནི་དང་ དཔེ་མཛོད་ཀྱི་ཅ་ཆས་ག་ཅི་རང་ཨིན་རུང་བརྙ་ལེན་འབད་བའི་སྐབས་ བདག་འཛིན་འཐབ་ནིའི་འགན་ཁུར་འདི་བརྙ་ལེན་འབད་མི་ལུ་ཕོག་ནི་ཨིན༎

འཐུས་མི་ཚུ་ལུ་ཁྲིམས་ལུགས།

  1.    ལྷག་ནི་ལུ་དང་འདོད་ཡོད་མི་ཚུ་གིས་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་ འཐུས་མིའི་གྲངས་སུ་འཛུལ་ཞུགས་འབད་ཆོགཔ་མ་ཚད་ འཛུལ་ཞུགས་ཀྱི་འཐུས། མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་དཔར། མི་ཁུངས་ལག་དེབ་ཀྱི་པར་གཉིས། གཞུང་འབྲེལ་བདེན་ཁུངས་ཀྱི་ཁ་བྱང་དང་ སྡོད་གནས་ཀྱི་ཁ་བྱང་བཅས་མདོ་ཆེན་ལུ་ཕུལ་དགོ
  2.    འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་འཐུས་མི་མེན་མི་ གཞན་ག་གིས་ཡང་དཔེ་དེབ་ཚུ་བརྙ་མི་ཆོག་ནི་དང་ འཁོར་སྤྱོད་འོས་པའི་དཔེ་དེབ་ཀྱི་རིགས་ཚུ་བརྙ་ནི་མ་གཏོགས་ མ་དཔེ་དཀོན་དྲག་ཅན་གྱི་ཕྱག་དཔེའི་རིགས་ཚུ་ དཔེ་མཛོད་ནང་ལས་ཕྱི་ཁར་འབག་མི་ཆོག
  3.    འཐུས་མི་ཚུ་གིས་ དཔེ་དེབ་གཉིས་ དུས་ཡུན་བདུན་ཕྲག་གཉིས་ཀྱི་རིང་ལུ་འབག་ཆོག
  4.    འཐུས་མིི་ཚུ་ལུ་ ལོ་ངོ་གཅིག་གི་འཐུས་འདི་ དངུལ་ཀྲམ་ ༡༠༠/= དང་ ལོ་ཕྱེད་ཀྱི་འཐུས་ དངུལ་ཀྲམ་ ༦༠/= རེ་སྤྲོད་དགོ དེ་ལས་ སློབ་གྲྭ་དང་གཙུག་སྡེ་ཚུ་ལུ་ ལོ་ངོ་གཅིག་གི་འཐུས་ དངུལ་ཀྲམ་ ༩༠/= རེ་ སྤྲོད་དགོཔ་ཨིན།
  5.    དཔེ་དེབ་བརྙ་ནི་གི་དུས་ཚོད་ཡང་ དྲོ་པ་ཆུ་ཚོད་ ༡༠ ལས་ཉི་མ་ཆུ་ཚོད་ ཕྱེད་དང་ ༡ ཚུན་ཚོད་དང་ ཉི་མ་ཆུ་ཚོད་ ༡ ལས་ ཕྱི་རུ་ཆུ་ཚོད་ ཕྱེད་དང་ ༥ ཚུན་ཨིན། དཔེ་དེབ་བརྙ་མི་ མི་ངོམ་འདི་གིས་ རང་གི་ཤོག་བྱང་དང་སྦྲགས་ཏེ་ དཔེ་དེབ་རེ་རེ་བཞིན་དུ་ ཤོག་བྱང་སྤྲོད་ལེན་འབད་ས་ལུ་སྟོན་དགོ ཤོག་བྱང་སྤྲོད་ལེན་འབད་མི་ཞིབ་རོགས་འདི་གིས་ ནམ་ལོག་སྤྲོད་དགོ་པའི་ དབྱིན་ཚེས་ཀྱི་སྤྲོད་རྟགས་བསྐྱལཝ་ཨིན།
  6.    བརྙ་ལེན་འབད་བའི་དཔེ་དེབ་འདི་གི་ཚེས་གྲངས་བསྐྱར་གསོ་འབད་དགོཔ་རེ་འཐོན་པ་ཅིན་ དཔེ་དེབ་འདི་དཔེ་མཛོད་ནང་འབག་འོང་དགོ གལ་སྲིད་དཔེ་དེབ་འདི་མི་གཞན་གིས་བརྙ་མི་འཐོན་པ་ཅིན་ དཔེ་དེབ་འདི་གི་ཚེས་གྲངས་ བསྐྱར་གསོ་འབད་མི་དགོཔ་མ་ཚད་ བརྙ་ལེན་འབད་བའི་དཔེ་དེབ་ག་ཅི་ར་འབད་རུང་ བསྐྱར་གསོའི་ཚེས་གྲངས་ མང་ཤོས་ཚར་གསུམ་ལས་བརྒལ་ཏེ་བརྐྱབ་མི་ཆོག
  7.    གལ་སྲིད་བརྙ་ལེན་འབད་བའི་དཔེ་དེབ་འདི་ ཞག་དུས་བཞག་ཡོད་པའི་ཚེས་གྲངས་དེ་ཁར་ ལོག་རྩིས་མ་སྤྲོད་པ་ཅིན་ དཔེ་དེབ་བརྙ་ལེན་འབད་མི་འདི་གིས་ དམིགས་བསལ་གྱི་ཁུངས་དང་རྒྱུ་མཚན་བཀལ་ཐོག་ དཔེ་དེབ་ལོག་ལེན་ནི་ཨིན།
  8.    བརྙ་ལེན་འབད་བའི་དཔེ་དེབ་འདི་ ལོག་སྤྲོད་ནི་གི་དུས་ཚོད་ཁ་ལུ་མ་སྤྲོད་ པར་ཕྱིས་སོང་པ་ཅིན་ བསྐྱར་བཟོའི་ཚེས་གྲངས་དང་འཁྲིལ་ཏེ་ ཉིན་རེ་གི་ཉེས་ཆད་ དངུལ་ཀྲམ་ ༡/= རེ་བཀལ་ནི་ཨིན།
  9.    འཐུས་མིའི་ཤོག་བྱང་ཚུ་སོར་མ་བཏུབ་མ་ཚད་ གལ་སྲིད་ཤོག་བྱང་འདི་འབྱང་པ་ཅིན་ དེ་འཕྲལ་ལས་སྙན་ཞུ་དཔེ་མཛོད་ལུ་ཕུལ་དགོཔ་ཨིན།
  10.    གལ་སྲིད་བརྙ་ལེན་འབད་བའི་དཔེ་དེབ་འདི་འབྱང་པ་ཅིན་ དེ་འཕྲལ་ལས་དབང་འཛིན་དཔེ་གཉེར་ལུ་སྙན་ཞུ་ཕུལ་དགོ
  11.    འཐུས་མི་ག་རང་ཨིན་རུང་ སྡོད་གནས་ཀྱི་ཁ་བྱང་འགྱུར་བཅོས་རེ་འབད་དགོཔ་འཐོན་པ་ཅིན་ དཔེ་གཉེར་པ་ལུ་གནས་ཚུལ་བྱིན་དགོ
  12.    འཐུས་མི་ཚུ་གིས་དཔེ་དེབ་བརྙ་ལེན་འབད་བའི་སྐབས་ གནོད་རྐྱེན་དང་འབྱང་ནིའི་ཉེན་ཁག་འབག་དགོཔ་མ་ཚད་ དཔེ་དེབ་ཚབ་མ་དང་ ཉམས་བཅོས་ཀྱི་རིན་ཡང་སྤྲོད་དགོ འཐུས་མི་ཚུ་གིས་ དཔེ་དེབ་ཐོབ་སྟེ་ ལོག་རྩིས་སྤྲོད་པའི་སྐབས་ བདག་སྐྱོང་ཁ་ཐུག་ལས་ཉེས་ཆད་ཀྱི་འཐུས་ དངུལ་ཀྲམ་ ༡༠/= རེ་བཀལ་ནི་ཨིན།
  13.    གལ་སྲིད་འཐུས་མི་ཚུ་གིས་ དཔེ་མཛོད་ཀྱི་སྒྲིག་ཁྲིམས་ལུ་མ་གནས་པ་ཅིན་ ཆ་མེད་ཀྱི་གྱལ་ཁར་བཙུག་ནི།
  14.    ལོ་ངོ་ ༡༦ ་མན་ཆད་དང མི་ཁུངས་ངོ་སྤྲོད་ལག་ཁྱེར་མེད་མི་ཚུ་གིས་ རང་གི་ཕམ་དང་སྤུན་ཆ་ཚུ་ལས་ དཔེ་མཛོད་འདི་ནང་གི་གནས་སྟངས་སམ་ ལམ་ལུགས་ཚུ་ངོས་ལེན་འབད་བའི་ ཁས་བླང་གི་ཡི་གུ་སྟོན་དགོཔ་ཨིན༎

སྒྲིགས་ཁྲིམས

  1.   དཔེ་མཛོད་ཁང་ནང་ལུ་ ཉི་གདུགས་ ཕེད་ཅུང་ ཕྱི་གོས་དང་ཟ་འཐུང་གི་རིགས་ག་ནི་ཡང་འབག་མི་ཆོག
  2.   དཔེ་གཉེར་ལས་གནང་བ་མ་ཞུས་པར་ པར་བཏབ་ནིའི་འཕྲུལ་ཆའི་རིགས་ དཔེ་མཛོད་ནང་བེད་སྤྱོད་གནང་མི་ཆོག
  3.   དཔེ་མཛོད་ཀྱི་མཐའ་འཁོར་ལུ་ ཏམ་ཁུ་འཐུང་ནི་དང་ སྣང་མེད་ཀྱི་སྐད་བརྐྱབ་ནི་ཚུ་ཡང་ བཀག་ཆ་འབད་ཡོདཔ་ཨིན།
  4.   དཔེ་དེབ་ལྷག་མི་ཚུ་ཡང་ དཔེ་མཛོད་ལས་བྱིན་མི་སྡོད་ས་འདི་ཁར་སྡོད་འདི་ ལྷག་ནི་མ་གཏོགས་ འབྲི་ཁྲི་དང་སྡོད་ཁྲི་ཚུ་ཕར་ཚུར་སྤོ་བཤུད་འབད་མི་ཆོག
  5.   ལྷག་མི་དང་འཐུས་མི་ཚུ་གིས་ དཔེ་མཛོད་ནང་གི་ཅ་ཆས་དང་ དཔེ་དེབ་ཀྱི་རིགས་ཚུ་ལུ་རྟགས་བཀལ་ནི་དང་ མེདཔ་བཏང་ནི་ཚུ་འབད་མི་ཆོག
  6.   དཔེ་མཛོད་ནང་གི་ སྡོད་ཁྲི་ཚུ་སྔོན་མ་ལས་བང་བཏབ་བཞག་མི་ཆོགཔ་མ་ཚད་ ཀི་དེབ་དང་རྩོམ་བྲིས་དུས་ཡུན་རིངམོ་འབད་ བྲི་ཁྲི་དང་སྡོད་ཁྲི་གུར་བཞག་པ་ཅིན་ དཔེ་མཛོད་ཀྱི་ལས་གཡོགཔ་ཚུ་གིས་བཀོག་གཏངམ་ཨིན།
  7.   དཔེ་མཛོད་ནང་ ལུས་སོང་པའི་སྒེར་གྱི་ཅ་ཆས་ཚུ་གི་འགན་ཁག་ ངོས་ལེན་འབད་ནི་མེདཔ་ཨིན།
  8.   དཔེ་མཛོད་འདི་ནང་ལས་ཕྱིར་བྱོན་མི་ག་ར་ཨིན་རུང་ དཔེ་གཉེར་ལས་གཡོགཔ་ཚུ་ལུ་ དཔེ་དེབ་དང་སྒེར་གི་ཅ་ཆས་ཚུ་ ཞིབ་དཔྱད་ཀྱི་དོན་ལུ་སྟོན་དགོ།

 འདྲ་བཤུས་བརྐྱབ་ས    

ད་ལྟོ་གནས་སྐབས་ཅིག་འདྲ་བཤུས་བརྐྱབ་ནིའི་ ཞབས་ཏོག་མེདཔ་ཨིན།