English

བྲིས་མའི་དཔེ་ཆ་དང་ཕྱག་དཔེའི་རིགས།

འབྲུག་རྒྱལ་ཡོངས་དཔེ་མཛོད།

དཔར་དབང་གསལ་བསྒྲགས།

རྒྱལ་སྤྱིའི་བློ་རིག་ཁྱད་ཆོས་ཀྱི་དཔར་གཞི་ཡི་གུའི་སྣང་བརྙན་ག་རའི་ དཔར་དབང་གི་ངེས་བདེན་འདི་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་གསོག་འཇོག་འབད་དེ་ཡོདཔ་ཨིན༎

སྣང་བརྙན་བལྟ་ནི།

སྒེར་གྱི་ཞིབ་འཚོལ་རྐྱངམ་གཅིག་གི་དོན་ལུ་ སྣང་བརྙན་འདི་རིན་མ་སྤྲོད་པར་དང་གནང་བ་མེད་པར་ དཔར་གྱི་བདག་དབང་འཆང་མི་དེ་གིས་ འཐོབ་ཚུགས་བཟོ་སྟེ་ཡོདཔ་ཨིན༎

སྒེར་སྤྱོད་ཀྱི་དོན་ལུ་ སྣང་བརྙན་འདྲ་བཤུས་བརྐྱབ་ནི།

སྒེར་གྱི་ཞིབ་འཚོལ་རྐྱངམ་གཅིག་གི་དོན་ལུ་ རིན་དང་གནང་བ་མེད་དཔར་ གློག་རིག་ལག་ལེན་འཐབ་ཡོད་པའི་ས་གནས་དེ་ཁ་ལས་ སྣང་བརྙན་འདི་ཚུ་ ཡིག་ཐོག་གི་འདྲ་ལུ་འབད་གནས་སྡུད་སྤོ་བཏུབ་ཨིདམ་ད་ གློག་རིག་དེ་ནང་ཡོད་པའི་སྣང་བརྙན་འདྲ་དཔར་གྱི་རིགས་དབྱེ་ག་ཅི་རང་སྦེ་རུང་ དཔར་གྱི་བདག་དབང་ཡོདཔ་ལས་སྣང་བརྙན་གྱི་ མཇུག་ལུ་བཀོད་དེ་ཡོདཔ་ཨིན༎

གཙུག་སྡེ་དང་ མི་གཞན་ཚུ་ལུ་སྣང་བརྙན་གྱི་འདྲ་བཤུས་སྟོན་མི་ཆོག་ནི་དང་ སྒེར་གྱི་གོ་བསྡུར་ཞལ་འཛོམས་དང་རིག་གཞུང་གི་ གསལ་བཤད་ཚུ་ནང་ལུ་སྣང་བརྙན་གྱི་འདྲ་བཤུས་མ་འཐོན་པའི་ཐོག་ལས་ རང་རྐྱངམ་གཅིག་གི་སྣང་བརྙན་གནས་སྡུད་སྤོ་ ཡོད་པའི་གློག་རིག་འདི་ནང་ལས་ གསལ་སྟོན་འབད་ཆོགཔ་ཨིན༎

གལ་སྲིད་ ཆ་ཪོགས་དང་སློབ་ཕྲུག་ག་རང་འབད་རུང་ དམིགས་བསལ་དུ་སྣང་བརྙན་བལྟ་ནིའི་རེ་འདོད་ཡོད་པ་ཅིན་ གློག་རིག་བརྒྱུད་འབྲེལ་ལམ་ ཡོངས་འབྲེལ་བཀྲམ་སྤེལ་འབད་ས་ལུ་ འདྲི་བསྟུན་འབད་ཐོག་ལས་ སྣང་བརྙན་གྱི་རིགས་ག་ཅི་ཨིན་རུང་ གནས་སྡུད་གསརཔ་ཡིག་ཐོག་གི་འདྲ་ལུ་ ཕབ་བཏུབ་ཨིནམ་ལས་འདི་གིས་ གློག་རིག་ལག་ལེན་འཐབ་ཡོད་པའི་ས་གནས་གཞན་ལས་ འདྲ་བཤུས་སྟོན་ནི་ཚུ་ཡང་ སྤང་ཚུགསཔ་ཨིན༎

གནང་བ་མེད་པའི་ གློག་རིག་ཡོངས་འབྲེལ་བརྫུན་མ་ཚུ་ལས་ ཡིག་ཆ་དང་སྣང་བརྙན་གྱི་རིགས་ཚུ་ གནས་སྡུད་སྤོ་མི་བཅུག་ནིའི་དོན་ལུ་དང་ ཡིག་ཆ་དང་སྣང་བརྙན་ཚུ་ གློག་རིག་བརྒྱུད་འབྲེལ་ བཀྲམ་སྤེལ་འབད་ས་ལས་ གནས་སྡུད་ཕབ་ནིའི་དོན་ལུ་ དཔར་གྱི་བདག་དབང་ འོག་ལུ་བཀོད་དེ་ཡོདཔ་ཨིན༎

གལ་སྲིད་ གནད་དོན་གཞན་གྱི་དོན་ལུ་ གྲོས་བཅུད་སྦོམ་བཏོན་ཡོད་པའི་སྣང་བརྙན་དགོ་པ་ཅིན་ མི་མང་གི་གསལ་སྟོན་གྱི་དོན་ ལུ་གསོག་འཇོག་འབད་ཡོད་པའི་ ཡིག་ཆ་མ་དཔེ་གཅིག་དང་སི་འཁོར་ CD ROM གཅིག་ དཔར་གྱི་བདག་དབང་འཆང་མི་གིས་ བྱིན་ཚུགསཔ་ཨིན༎

སྣང་བརྙན་ལག་ལེན་འཐབ་བཏུབ་གཞན།

སྣང་བརྙན་ག་ཅི་རང་ལག་ལེན་འཐབ་རུང་ དཔར་གྱི་བདག་དབང་ཡོད་པའི་མིའམ་ གླ་ཆ་ལེན་མི་ མི་འདི་ལས་བེད་སྤྱོད་གཏང་ཆོག་པའི་ ཡི་གུ་ཕུལ་དགོཔ་གཤམ་གསལ་ལྟར།

  • ཡིག་ཐོག་ལུ་འདྲ་བཤུས་ཕབས་ཡོད་མི་ག་ཅི་རང་སྦེ་རུང་ པར་བསྐྲུན་འབད་ནི་ལ་སོགས་པ།
  • རྒྱང་མཐོང་ TV དང་གློག་བརྙན་ཚུ་ ནང་ལག་ལེན་འཐབ་ནི།
  • སྣང་བརྙན་འདི་ འགྱུར་བཅོས་འབད་འབདཝ་ཨིན་རུང་ མ་འབདཝ་ཨིན་རུང་ དེ་དང་འབྲེལ་བའི་རིགས་ག་ཅི་རང་སྦེ་རུང་ པར་བསྐྲུན་འབད་ནི།
  • མི་མང་གི་ས་གནས་ཚུ་ནང་ ཡོངས་འབྲེལ་གྱི་ཐོག་ལས་དང་ གློག་རིག་མཉེན་ཆས་ (Software) ཀྱི་ཐོག་ལས་ཡོདཔ་འབད་བཟོ་ནིའི་དོན་ལུ་ སྣང་བརྙན་འདྲ་བཤུས་བརྐྱབ་ནི།
  • གོང་ལུ་བཀོད་ཡོད་པའི་ ཤེས་ཡོན་གྱི་གསལ་བཤད་ཀྱི་དོན་ལུ་མ་གཏོགས་ སྣང་བརྙན་དང་འབྲེལ་བའི་འཕྲུལ་ཆའི་རིགས་ ཡིག་ཐོག་ལུ་འདྲ་བཤུས་རྐྱབ་རྐྱབས་ཚུ་ མི་མང་ལུ་སྟོན་ནི།
  • སློབ་སྟོན་གྱི་དོན་ལུ་ ཡིག་ཐོག་ལུ་འདྲ་བཤུས་རྐྱབ་རྐྱབས་ཚུ་ འདྲ་བཤུས་བརྐྱབ་ནི།

དཔར་གྱི་བདག་དབང་དང་ གླ་ཆའི་ཐོག་ལས་འབད་རུང་ སྔར་སྲོལ་གྱི་ཕྱག་དཔེའི་རིགས་ ག་ཅི་རང་ལེན་འཐབ་དགོ་རུང་ ཞུ་ཚིག་ཡི་གུ་ འདི།

མདོ་ཆེན་མཆོག་ལུ།
འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་
འགྲེམ་སྒྲོམ་ཨང་ ༡༨༥
གློག་འཕྲིན་ཁ་བྱང་ xxxxxxx ལུ་ཕུལ་དགོ

གློག་འཕྲིན་ཐོག་ལས་ བརྡ་དོན་སྤྲོད་ལེན་འབད་བ་ཅིན་ ཞུ་ཚིག་ཕུལ་མི་འདི་གི་ ཁ་བྱང་ཁ་གསལ་བཀོད་དགོ

དེའི་ལན་ཡང་ མཁའ་འགྲེམ་གྱི་ཐོག་ལས་ བདུན་ཕྲག་གཉིས་ཀྱི་ནང་འཁོད་ནང་འཐོབ་ཚུགསཔ་མ་ཚད་ བརྒྱུད་འཕྲིན་དང་ དཔར་འཕྲིན་དང་ གློག་འཕྲིན་ག་ཅི་བཟུམ་ལས་སྦེ་རུང་ ལན་གསལ་དེ་འཕྲལ་རང་དགོ་ནི་ཨིན་པ་ཅིན་ གཙོ་རིམ་དང་འཁྲིལ་ཏེ་ མ་གཏོགས་ལན་གསལ་འཐོབ་མི་ཚུགས༎