English

གནས་ཡུན་དང་གནས་ཚད།

གནས་ཡུན་དང་གནས་ཚིག

 

  • ཡོངས་འབྲེལ་འདི་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ མང་དམངས་ལུ་བརྡ་དོན་སྤེལ་ནིའི་ཞབས་ཏོག་ཕུལཝ་ཨིན།
     
  • ཡོངས་འབྲེལ་ས་ཁོངས་འདི་ནང་ལུ་ལྷོད་དེ་ ལག་ལེན་འཐབ་ཞིནམ་ལས་ ཁྱོད་ཀྱིས་གནས་ཡུན་དང་གནས་ཚིག་ཚུ་ཁྲིམས་མཐུན་གྱི་སྒོ་ལས་ ངེས་པར་དུ་ངོས་ལེན་འབད་ཝ་ཨིནམ་སྦེ་ བརྩི་ནི་ཨིན༎
     
  • གནས་ཡུན་དང་གནས་ཚིག་ཚུ་ འཕྲལ་འཕྲལ་རང་སྒྱུར་བཅོས་འབདཝ་ཨིནམ་ལས་ དེ་བསྒྱུར་བཅོས་འབད་ཞིནམ་ལས་ ཁྱོད་ཀྱིས་ཡོངས་འབྲེལ་ས་ཁོངས་འདི་ བེད་སྤྱོད་གཏང་པ་ཅིན་ ཁྱོད་ཀྱི་འགན་རྒྱ་ནང་ལུ་ གསར་སྒྱུར་འབད་དེ་ཡོད་མི་ཚུ་ཡང་ཚུད་ནི་ཨིན༎
     
  • ཡོངས་འབྲེལ་འདི་ནང་ཡོད་པའི་ རི་མོ་དང་སྣང་བརྙན་ཚུ་ག་ར་ པར་དབང་གིས་ཉེན་སྲུང་འབད་དེ་ཡོདཔ་ལས་ སྲོལ་འཛིན་ས་ཁུངས་དང་ འབྲུག་རྒྱལ་ཡོངས་དཔེ་མཛོད་ལས་ ཡིག་ཐོག་གནང་བ་ཡོད་ན་མ་གཏོགས་ དེ་ཚུ་སྒེར་སྤྱོད་འབད་ནི་དང་ པར་ལོག་བརྐྱབ་ནི་ལ་སོགས་པ་ བྱ་སྤྱོད་གང་རུང་གི་སྒོ་ལས་ འབད་མི་ཆོག།
     
  • ཁྲིམས་ཀྱིས་ ཁྱབ་དབང་མངམ་འབད་གནང་བ་བྱིན་ཏེ་ཡོདཔ་ལས་ ཡོངས་འབྲེལ་འདི་ནང་ཡོད་མི་དང་ འབྲེལ་མཐུད་ཀྱི་ཡོངས་འབྲེལ་ས་ཁོངས་གཞན་ཚུ་ནང་ཡོད་པའི་ དཀར་ཆག་ཚུ་ག་ར་འཛོལ་བ་མེདཔ་དང་ ནོར་འཁྲུལ་མེདཔ། དེ་ལས་ཁུངས་དང་ལྡན་ཧིང་ཚུ་ག་ར་ ནང་སྲིད་དང་སྲལ་འཛིན་ལྷན་ཁག་དང་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ ཁས་ལེན་མི་ཚུགས༎
     
  • ཡོངས་འབྲེལ་འདི་ནང་དང་ ཡོངས་འབྲེལ་ས་ཁོངས་གཞན་ཚུའི་ནང་ལས་འཐོབ་ཚུགས་པའི་ དཀར་ཆག་ཚུ་ [ཐད་ཀར་དུ་དང་ཡང་ན་ཞོར་ཁ་ལུ་] ལག་ལེན་འཐབ་ཐོག་ལས་ བྱང་པ་དང་བརླག་གཏོར་བྱུང་པ་ལ་སོགས་པའི་ དགན་འཁྲི་ཚུ་ཡང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་དང་ འབྲུག་རྒྱལ་ཡོངས་དཔེ་མཛོད་ལུ་མི་ཕོག།
     
  • ནང་སྲིད་དང་སྲོལ་འཛིན་ལྷན་ཁག་དང་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ རྒྱུ་མཚན་ག་ནི་ཡང་བཀོད་མ་དགོ་པར་ དུས་ནམ་རང་འབད་རུང་ དམིགས་བསལ་གྱི་ཡོངས་འབྲེལ་ཁ་བྱང་ནང་ལས་ ང་བཅས་ཀྱི་ཡོངས་འབྲེལ་ས་ཁོངས་ནང་ལུ་ལྷོད་མ་ཚུགསཔ་བཟོ་ནི་དང་ ལྷག་པར་དུ་ལས་ཚོགས་དང་ མི་སྒེར་ཚུ་ལུ་ཡོངས་འབྲེལ་ལྷོད་ལམ་བཀག་ཆ་འབད་ནིའི་བདག་དབང་ ག་ར་འཆང་སྟེ་ཡོདཔ་ཨིན༎
     
  • ཡོངས་འབྲེལ་འདི་ནང་ལུ་ ཡོངས་འབྲེལ་ས་ཁོངས་གཞན་ཚུ་ནང་ ལྷོད་ཚུགས་པའི ཧཨི་པར་ལིངཀིས་(hyperlinks) ལེ་ཤ་ཡོདཔ་ལས་ དེ་ནང་གི་དཀར་ཆག་ཚུ་ལས་འབྱུང་སྲིད་པའི་ བྱང་པ་དང་བརླག་གཏོར་བྱུང་ནིའི་ཉེན་ཁག་ཚུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་དང་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱིས་འབག་མི་ཚུགས། ཧཨི་པར་ལིངཀིས་ (hyperlinks) ཚུ་བེད་སྤྱོད་གཏང་ནི་དང་ ཡོངས་འབྲེལ་ས་ཁོངས་ནང་ལྷོད་ཚུགས་པའི་ འགན་འཁྲི་ཧྲིལ་བུ་ལག་ལེན་འཐབ་མི་ལུ་ཕོགཔ་ཨིན༎
     
  • ཡོངས་འབྲེལ་འདི་ནང་ཡོད་མི་དང་ ཡོངས་འབྲེལ་འདི་ལས་བརྒྱུད་དེ་ལྷོད་པའི་ ཡོངས་འབྲེལ་ས་ཁོངས་གཞན་ནང་ཡོད་པའི་ དཀར་ཆག་ཚུ་གི་ འགན་འཁྲི་ག་ནི་ཡང་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ ཁས་མི་ལེན༎