English
Royal Wedding 2011

གནས་ཚུལ་དང་དུས་སྟོན།

རྒྱལ་ཡོངས་དཔེ་མཛོད་ཀྱི་གནས་ཚུལ། ༢༠༡༡

 

དབྱིན་ལོ་ ༢༠༡༡ དབྱིན་ཟླ་ ༠༥ པ།

(CDNLAO) ཨོ་ཤི་ཡ་ན་དང་ཨེ་ཤི་ཡང་ལུང་ཕྱོགས་ནང་གི་རྒྱལ་ཡོངས་དཔེ་མཛོད་ཀྱི་མདོ་ཆེན་ཚུ་གི་ཞལ་འཛོམས་ ཐེངས་ ༡༩ པ།

དེ་ཚེས་ སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་གོ་གནས་བསྐོ་བཞག་གི་བཀའ་རྒྱ་དང་འཁྲིལ་ཏེ་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་བདག་སྐྱོང་གཙོ་འཛིན་ ཧཱར་ཀ་བྷ་དྷུར་གུ་རུང་འདི་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་གི་མདོ་ཆེན་སྦེ་འཛུལ་ཞུགས་འབད་ཡི། དེ་དང་མཉམ་ཅིག་ རྒྱལ་ཡོངས་དཔེ་མཛོད་ཀྱི་ཞིབ་འཚོལ་གཙོ་འཛིན་འོག་མ་ དྲག་ཀྲར་ཡོན་ཏན་དར་རྒྱས་ཡང་ ཞིབ་འཚོལ་གཙོ་འཛིན་གྱི་གོ་གནས་ལུ་བསྐོ་བཞག་གནང་ཡོདཔ་མ་ཚད་ ཡིག་རིགས་གཏན་འཇོག་གཙོ་འཛིན་འོག་མ་ ཀུན་བཟང་བདེ་ལེགས་ཡང་གཙོ་འཛིན་གྱི་གོ་གནས་ལུ་ཡར་སེང་གནང་ཡོདཔ་ཨིན།།

(CDNLAO) ཨོ་ཤི་ཡ་ན་དང་ཨེ་ཤི་ཡང་ལུང་ཕྱོགས་ནང་གི་རྒྱལ་ཡོངས་དཔེ་མཛོད་ཀྱི་མདོ་ཆེན་ཚུ་གི་ཞལ་འཛོམས་ ཐེངས་ ༡༩ པ་འདི་ དབྱིན་ལོ་ ༢༠༡༡ དབྱིན་ཟླ་ ༠༥ པའི་ཚེས་ ༡༧ དང་ ༡༨ ཉིམ་གཉིས་ཀྱི་རིང་ལུ་ “Envisioning the Future: The Role of National Libraries in the New Era” “མ་འོངས་པའི་འཆར་སྣང་། དུས་རབས་གསརཔ་གྱི་ནང་ལུ་རྒྱལ་ཡངོས་དཔེ་མཛོད་ཚུ་གི་ལཱ་འགན།” ཟེར་བའི་བརྗོད་དོན་ཐོག་ལུ་ ཀོ་རི་ཡ་རྒྱལ་ཡོངས་དཔེ་མཛོད་ཀྱི་འགོ་འདྲེན་ཐོག་ཚོགས་ཡོདཔ་ད་ ཞལ་འཛོམས་ནང་ལུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་མདོ་ཆེན་ཡང་བཅའ་མར་གཏོགས་ཡོདཔ་ད་ དབྱིན་ལོ་ ༢༠༡༢ ཀྱི་ (CDNLAO) ཞལ་འཛོམས་ཐེངས་ ༢༠ པ་འདི་ ཨིན་དོནེཤི་ཡའི་རྒྱལ་ཁབ་ ས་གནས་བྷ་ལི་ལུ་སྦེ་དབྱིན་ཟླ་ ༠༥ པའི་ཚེས་ ༢༧ ལས་ ༢༩ ཚུན་ ཉིན་གྲངས་གསུམ་གྱི་རིང་ལུ་འགོ་འདྲེན་འཐབ་ནི་ཨིནམ་ལས་ རྒྱལ་སྤྱིའི་དཔེ་མཛོད་ཀྱི་འཐུས་མི་ཚུ་ལུ་ ཞལ་འཛོམས་ནང་ལུ་བཅའ་མར་གཏོགས་དགོ་པའི་མགྲོན་བརྡ་ཡང་ཕུལ་ཡོདཔ་ཨིན་པས།།

 

དབྱིན་ལོ་ ༢༠༡༡ དབྱིན་ཟླ་ ༠༣ པ།

འབྲུག་རྒྱལ་ཡོངས་དཔེ་མཛོད་ཡར་རྒྱས་སོང་ཡོད་པའི་སྐོར་ལས་ རྒྱལ་སྤྱིའི་ཞལ་འཛོམས་ནང་ལུ་གསལ་ཞུ་ཡུལ་ཡོདཔ།

དཔེ་མཛོད་མཁས་མཆོག་ཅིག་ཨིན་མི་ ཕེ་ལི་སི་ཀྲི་ཤཱཝ་གིས་ ཡུ་ཨེས་གི་ས་གནས་ཧ་བའེ་ལུ་ཡོད་པའི་ཧོ་ནོ་ལུ་ལུ་ཟེར་སར་ ཨེ་ཤི་ཡ་ལུང་ཕྱོགས་ཀྱི་མཁས་མཆོག་ཚུ་གི་རྒྱལ་སྤྱིའི་ཞལ་འཛོམས་ དབྱིན་ལོ་ ༢༠༡༡ དབྱིན་ཟླ་ ༠༣ པའི་ཚེས་ ༣༡ ལས་དབྱིན་ཟླ་ ༠༤ པའི་ཚེས་ ༠༣ ཚུན་ཉིན་གྲངས་བཞིའི་རིག་ལུ་ཚོགས་མིའི་ནང་ལུ་ “འབྲུག་རྒྱལ་ཡོངས་གཏན་མཛོད། སྔ་རབས་སྲུང་སྐྱོབ་འབད་ནི་དང་མ་འོངས་ཉམས་སྲུང་།” ཟེར་བའི་དོན་ཚན་ཐོག་ལུ་ འབྲུག་རྒྱལ་ཡོངས་གཏན་མཛོད་ཀྱི་སྐོར་ལས་དང་ མ་འོངས་པའི་འཆར་གཞི་ཚུ་གི་སྐོར་ལས་ ཞལ་འཛོམས་དེ་ནང་ལུ་བཅའ་མར་གཏོགས་མི་ཚུ་ལུ་གསལ་ཞུ་འབད་ཡོདཔ་ཨིན་པས། དེ་མ་ཚད་མོ་གིས་ ཧ་བའེ་གཏན་མཛོད་པའི་ལས་ཚོགས་དང་འགྲེམ་སྟོན་ཁང་གི་ལས་ཚོགས་ཀྱི་འཐུས་མི་ཚུ་ལུ་ཡང་ འབྲུག་རྒྱལ་ཡོངས་གཏན་མཛོད་ཀྱི་སྐོར་ལས་ རྒྱས་ཤིང་རྒྱསཔ་སྦེ་གསལ་བཤད་འབད་ཡོདཔ་ཨིན་པས།།

ཨམ་ ཕེ་ལི་སི་ཀྲི་ཤཱཝ་ཟེར་མི་འདི་ དགོངས་ཞུ་འབད་ཡོད་པའི་དཔེ་མཛོད་མཁས་མཆོག་ཅིག་ཨིནམ་ད་ མོ་གིས་འབྲུག་རྒྱལ་ཡོངས་དཔེ་མཛོད་ཡར་རྒྱལ་གོང་འཕེལ་གྱི་སྐོར་ལས་གནས་ཚུལ་ཚུ་ དབྱིན་ལོ་ ༡༩༨༠ ལས་བསྡུ་བསྒྲུབས་འབད་དེ་ རྒྱལ་སྤྱིིའི་ཞལ་འཛོམས་ཁག་མང་རབས་ཅིག་གི་ནང་ལུ་གསལ་ཞུ་ཚུ་ཕུལ་ཡོདཔ་ཨིན་པས།།

མོ་གི་གསལ་ཞུ་འདི་གཟིགས་འདོད་ཡོད་པ་ཅིན་ འདི་ཁར་ མཛུབ་མནན་བརྐྱབ་གནང་།