English

པར་བསྐྲུན་དང་དཔེ་དེབ་ཚོང་ཁང་།

ལམ་སྟོན།

འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་དཔར་བསྐྲུན་དང་ དཔེ་སྐྲུན་སྡེ་ཚན་གྱི་ཡོངས་འབྲེལ་འདི་ནང་ལུ་ བྱོན་པ་ལེགས་སོ་ཟེར་ཞུ་ནི་ཨིན། རྒྱལ་ཡོངས་དཔེ་མཛོད་ཀྱི་དཔར་བསྐྲུན་ལས་རིམ་ནང་ལུ་ སྔར་སྲོལ་གྱི་བཟོ་རྣམ་དང་ལྡན་པའི་དཔེ་ཆ་འབྲུག་ཤོག་གི་ཐོག་ལུ་ ཤིང་དཔར་དང་ལྕགས་དཔར་ཚུ་ལས་དཔེ་སྐྲུན་འབད་ནི་དང་ དཔར་ནུས་མེད་པའི་དཔེ་དེབ་ཚུ་ མ་དཔེ་ངོ་མ་ལས་སྔར་སྲོལ་དཔེ་ཆའི་ཚུལ་དུ་དེང་སང་གི་ཤོག་གུའི་ཐོག་ལུ་དང་ དབྱིན་སྐད་དང་རྫོང་ཁ་གང་རུང་ལུ་ ཆོས་ལུགས་དང་ལམ་ལུགས་སྲོལ་གྱི་དོན་ཚན་ཐོག་ལུ་ བྲིས་ཡོད་པའི་དཔེ་དེབ་ཚུ་ཡང་ ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཟོ་རྣམ་ལྟར་དུ་དཔར་བསྐྲུན་འབདཝ་ཨིན༎

དེབ་ཚོང་ཁང་།

རྒྱལ་ཡོངས་དཔེ་མཛོད་ཀྱིས་ པར་བསྐྲུན་འབད་དེ་ཡོད་མི་དང་ རང་ལུགས་ནང་པའི་ཆོས་དང་འབྲེལ་བའི་དཔེ་ཆ་ཚུ་ མི་མང་ག་ར་ལུ་ཐོབ་ཚུགས་ནིའི་དོན་ལུ་ དཔེ་དེབ་ཚོང་ཁང་ གཞི་བཙུགས་<འབད་ཡོདཔ་ཨིན༎ དཔེ་མཛོད་ཚོང་ཁང་དེ་ཡང་ དཔེ་མཛོད་བདག་སྐྱོང་སྒྲིང་ཁྱིམ་གྱི་སྣུམ་བཞག་ལས་ གཡོན་ཕྱོགས་ལུ་བརྡ་བྱང་བཀལ་ཏེ་ཡོདཔ་ཨིན། དཔེ་མཛོད་ཀྱིས་དཔར་བསྐྲུན་འབད་ཡོད་པའི་དཔེ་དེབ་དང་ ཕྱག་དཔེའི་རིགས་བཙོང་པའི་བསྒང་། ཤིང་པར་བརྐོ་བའི་བསྒང་།

དཔེ་མཛོད་ཀྱིས་པར་བསྐྲུན་འབད་ཡོད་པའི་དཔེ་དེབ་དང་
ཕྱག་དཔེའི་རིགས་བཙོང་པའི་བསྒང་།
ཤིང་པར་བརྐོ་བའི་བསྒང་།

པར་བསྐྲུན།

སྡེ་ཚན་འདི་ནང་ལུ་ དཔར་བསྐྲུན་ འབད་ཡོད་པའི་ དཔེ་དེབ་དང་ རང་ལུགས་ནང་པའི་ཆོས་དང་འབྲེལ་བའི་ དཔེ་ཆའི་རིགས་ ཚུ་ཐོ་བཀོད་འབད་དེ་ཡོདཔ་ཨིན།

ཤིང་པར་བརྐོ་ནི།

རྒྱལ་ཡོངས་དཔེ་མཛོད་ཀྱི་ ཤིང་དཔར་སྡེ་ཚན གྱི་སྐོར་ལས་ཁ་གསལ་འབྲེལ་མཐུད་ འདི་ལས་གཟིགས་གནང་

དཔེ་བསྐྲུན།

དཔེ་མཛོད་ཀྱི་ དཔེ་བསྐྲུན་སྡེ་ཚན་ གྱི་སྐོར་ལས་འབྲེལ་ མཐུད་འདི་ལས་གཟིགས་གནང་

ཆུང་བཟོ་འཕྲུལ་ཆ། (Microfilm)

ང་བཅས་ཀྱི་ ཆུང་བཟོ་འཕྲུལ་ཆ་སྡེ་ཚན་ (Microfilm Section) དང་ ཆུང་བཟོ་འཕྲུལ་ཆའི་ཞབས་ཏོག་(Microfilming Services) གི་སྐོར་ལས་ འབྲེལ་མཐུད་འདི་ལས་གཟིགས་གནང་