English

ཞིབ་འཚོལ་སྡེ་ཚན།

ལས་དོན།

འབྲུག་རྒྱལ་གཞུང་གི་སྲིད་བྱུས་དང་འཁྲིལཝ་ད་ ཞིབ་འཚོལ་གྱི་ལཱ་ལུ་གཙོ་བོར་སྟོན་དགོཔ་འབད་ ལས་འཆར་ཚུ་ཡང་བརྩམས་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་གི་ཞིབ་འཚོལ་ལས་ཚན་གྱིས་ གལ་ཆེ་བའི་རྒྱལ་ཡོངས་ཀྱི་ཆོས་ལུགས་དང་འབྲེལ་བའི་དོན་ཚན་དང་ དཔེ་དེབ་ཀྱི་རིགས་རྒྱ་ཆེན་པོ་སྦེ་སྐད་སྒྱུར་དང་ཞིབ་འཚོལ་ འབད་དང་འབད་བཞིན་དུ་ཡོདཔ་ཨིན༎

སྔ་གོང་གི་ལས་དོན་ཚུ།

མཁན་པོ་ཕུན་ཚོགས་བཀྲ་ཤིས་མཆོག་ ཞིབ་འཚོལ་འགོ་དཔོན་འབད་མཛད་བཞུགས་པའི་རིང་ལུ་ དཔེར་ན་ གཞུང་འབུལ་ལག་ལེན་ཟེར་ སྔགས་དང་ གསུང་རབ་དང་འབྲེལ་
བའི་  མཆོད་རྟེན་དང་  མཆོད་ཆས་ཀྱི་སྐོར་མང་རབ་ཅིག་ཞིབ་འཚོལ་འབད་ཡོདཔ་མ་ཚད་ ལྷག་པར་དུ་ཞིབ་འཚོལ་སྡེ་ཚན་འདི་ནང་ལུ་ ཌག་ཀྲོར་ ཀརྨ་དབང་ཕྱུག་དང་
ཌག་ཀྲོར་ ཡོན་ཏན་དར་རྒྱས་བྱོན་ཞིནམ་ལས་ཚུར་ དཔེ་མཛོད་ཞིབ་འཚོལ་གྱི་གཏམ་སྙན་སྒྲིང་སྒྲིང་བཟོ་ནིའི་དམིགས་གཏད་བསྐྱེད་ཡོདཔ་ཨིན།།

མཁན་པོ་ཕུན་ཚོགས་བཀྲ་ཤིས་མཆོག་ ཞིབ་འཚོལ་འགོ་དཔོན་སྦེ་བཞུགས་པའི་རིང་ལུ་ དཔེར་ན་ ‘གཞུང་འབུལ་ལག་ལེན།’ ཟེར་ སྔགས་དང་གསུང་རབས། དེ་དང་འབྲེལ་བའི་མཆོད་རྟེན་དང་ མཆོད་ཆས་ཀྱི་སྐོར་མང་རབས་ཅིག་ཞིབ་འཚོལ་འབད་ཡོདཔ་མ་ཚད་ ལྷག་པར་དུ་ཞིབ་འཚོལ་ལས་ཚན་འདི་ནང་མཁས་དབང་ ཀརྨ་དབང་ཕྱུག་དང་ མཁས་དབང་ ཡོན་ཏན་དར་རྒྱས་བྱོན་ཞིནམ་ལས་ཚུར་ དཔེ་མཛོད་ཞིབ་འཚོལ་གྱི་གཏམ་སྙན་སྒྲིང་སྒྲིང་བཟོ་ནིའི་དམིགས་གཏད་སྐྱེད་དེ་ཡོདཔ་ཨིན།།

མཁས་དབང་ཡོན་ཏན་དར་རྒྱས་དང་ པི་ཀེ་སོ་རེན་སེན་ (P.K. Sørensen) གིས་ དབྱིན་སྐད་ནང་སྐད་སྒྱུར་འབད་དེ་ཡོད་པའི་ ‘ཕ་ཇོ་འབྲུག་སྒོམ་ཞིག་པོའི་རྣམ་ཐར།’ གྱི་དཔེ་དེབ་འདི་ ཌ་ནི་ཌ་ལས་འགུལ་གྱི་མ་དངུལ་གནང་ཐོག་ལས་པར་སྐྲུན་འབད་དེ་ཡོད།

ད་ལྟོ་འབད་བཞིན་ཡོད་པའི་ལས་དོན།

སྒྲ་བསྒྱུར་དང་དཔར་བསྐྲུན།

ཌེ་ཎི་ཌའི་ལས་འགུལ་ཐེངས་གསུམ་པའི་ཡན་ལག་ནང་ མཉམ་འབྲེལ་གྱི་ཞིབ་འཚོལ་འདི་ མཉམ་འབྲེལ་ལས་འགུལ་གྱི་ཡན་ལག་ཅིག་ཨིནམ་ལས་བརྟེན་ འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་ཞིབ་འཚོལ་པ་དང་ ཀོ་པེཎ་ཧ་གེཎ་ (Copenhagen) རྒྱལ་གཞུང་དཔེ་མཛོད་ཀྱི་ཞིབ་འཚོལ་པ་ཚུ་མཉམ་རུབ་ཀྱི་ཐོག་ལས་ དུས་རབས་ བཅུ་བདུན་པ་དང་ བཅོ་བརྒྱད་པའི་ནང་ རྒྱལ་རབས་ཅན་དང་གལ་ཅན་གྱི་འབྱུང་ཁུངས་ འབྲུག་པའི་གྲུབ་ཐོབ་བྱམས་མགོན་ངག་དབང་རྒྱལ་མཚན་ ༡༦༤༧-༡༧༣༢ གྱི་རྣམ་ཐར་ཤོག་གྲངས་ ༢༣༤ སྦེ་མི་ རྗེ་མཁན་ཁྲི་རབས་དགུ་པ་ ཤཀྱཱ་རིན་ཆེན་གྱིས་མཛད་ཡོད་མི་འདིའི་ ཞིབ་འཚོལ་མཐིལ་ཕྱིན་འབད་དེ་ དབྱིན་སྐད་ནང་སྐད་བསྒྱུར་འབད་ནིའི་གྲོས་ཐག་བཅད་ཡོདཔ་ཨིན།།

ཌག་ཀྲོར་ ཡོན་ཏན་དར་རྒྱས་དང་ མགོན་པོ་ཚེ་རིང་མཉམ་རུབ་ཐོག་ སྐད་སྒྱུར་གྱི་ཟིན་བྲིས་བཏབ་ཚར་ཏེ་ ད་ལྟོ་ ཌེ་ཎིཤ་ (Danish) གི་ཞིབ་འཚོལ་པ་ པི་ཀེ་སོརེཎསེཎ་ (P.K. Sørensen) གིས་བསྐྱར་ཞིབ་འབད་དེ་ཡོདཔ་ཨིནམ་ལས་ དཔེ་དེབ་འདི་ དབྱིན་ལོ་ ༢༠༠༧ ལོའི་མཇུག་བསྡུ་ཁམ་ལུ་ དཔར་བསྐྲུན་འབད་ནིའི་རེ་བ་ཡོདཔ་ཨིན༎

བྲིས་མའི་དཔེ་གཟུགས་ནང་ཡོད་པའི་ འབྲུག་གི་རྒྱལ་རབས་དེ་བུམ་ཐང་བླ་མའི་དགོན་པ་ལས་ཨིན་མི་ ཞིང་གཤེགས་དྲག་ཤོས་ ཕུན་ཚོགས་དབང་འདུས་ཀྱིས་མཛད་ཡོད་མི་ནང་ འབྲུག་གི་སྔོན་གོང་གི་རྒྱལ་རབས་ཁ་གསལ་ཡོད་པའི་ཁར་ ཆོས་རྗེ་གདུང་བརྒྱུད་ཀྱི་མི་བརྒྱུད་སོགས་ཀྱི་སྐོར་ལས་ ཁུངས་ལྡན་སྦེ་བཀོད་ཡོད་པའི་རྒྱལ་རབས་དེ་ དཔར་བསྐྲུན་མ་འབད་བར་བཞག་ཡོདཔ་ལས་བརྟེན་ བྲིས་མའི་ཕྱག་དཔེ་དེ་ཡང་ཞུན་དག་འབད་དེ་ དབྱིན་ལོ་ ༢༠༠༧ ལོ་མཇུག་བསྡུཝ་ད་དཔར་བསྐྲུན་འབད་ནི་ཨིན༎

རྒྱལ་ཡོངས་གསུང་རྟེན་བརྟག་ཞིབ།

རྒྱལ་ཡོངས་ནང་དཀོན་པའི་གལ་གནད་ཆེ་བའི་རྩོམ་རིག་དང་ གསུང་རབས་ཀྱི་རིགས་ཚུ་འཚོལ་འཐོབ་སྟེ་ མ་འོངས་ཉེན་སྲུང་འབད་ནིའི་དོན་ལས་ ཌེ་ན་ཌའི་ལས་འགུལ་གྱི་མ་དངུལ་གནང་ཐོག་ ཞིབ་འཚོལ་སྡེ་ཚན་དང་འཕྲུལ་རིག་སྡེ་ཚན་གཉིས་མཉམ་རུབ་ཀྱི་ཐོག་ལས་ རྒྱལ་ཁབ་ནང་དཀོན་དྲག་པའི་དཔེ་ཆ་དང་གསུང་རབས་ཚུ་འཚོལ་བའི་བསྒང་ཡོདཔ་ད་ གསུང་རྟེན་བརྟག་ཞིབ་དེ་ནང་ལུ་ ཤིན་ཏུ་དཀོན་པའི་གསུང་རབས་ཀྱི་མཚན་བྱང་དང་ ས་གནས་ཀྱི་ཁ་བྱང་ཁ་གསལ་འབད་མ་འོངས་པའི་དོན་ལུ་ ཐོ་བཀོད་འབདཝ་ཨིནམ་མ་ཚད་ དམིགས་བསལ་དུ་ ཞིབ་འཚོལ་ལས་ཚན་གྱི་འགན་ཁུར་འདི་ དཀོན་དརག་ཅན་གྱི་གསུང་རབས་ཚུ་ངོས་འཛིན་འབད་ནི་དང་ འཚོལ་འཐོབ་པའི་བྲིས་མ་དང་དཔར་མའི་དཔེ་ཆའི་དཀར་ཆགས་དང་ ས་གནས་ཀྱི་ཁ་བྱང་གསལ་བཀོདའབད་ནི་དང་ཡང་ན་ དཔེ་ཆ་ཚུ་ཕྲ་བའི་གཟུགས་བརྙན་བཏབ་ནིའི་དོན་ལུ་ རྒྱལ་ཡོངས་དཔེ་མཛོད་ཁང་ནང་འབག་འོང་དགོཔ་ཨིན།།

མང་སུ་…

མ་འོངས་འཆར་གཞི།

ལས་དོན་དང་པ་  སྒྲིག་ལམ་རྣམ་གཞག་དཔེ་དེབ་ཀྱི་བསྒྱུར་བཅོས་འབད་ནི།

དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་འདི་ བདག་འཛིན་འཐབ་ནི་དང་མི་ཉམས་རྒྱུན་སྐྱོང་འབད་ནི་འདི་ སྲོལ་འཛིན་ལས་ཁུངས་ཀྱི་འགན་ཁུར་གྱི་ཆ་ལག་གཅིག་ཨིན། ད་ལྟོ་ཚུན་ཚོད་སྒྲིག་ལམ་རྣམ་གཞག་གི་དཔེ་དེབ་ཁག་གཉིས་འབད་ཡོད་མི་དེ་ གཅིག་རྒྱལ་ཡོངས་དཔེ་མཛོད་ཀྱིས་ཞིབ་འཚོལ་ཐོག་ལས་དཔར་སྐྲུན་འབད་འབདཝ་དང་ གཞན་མི་འདི་ རྒྱལ་པོའི་གཟིམས་དཔོན་གྱིས་ ཞིབ་འཚོལ་ཐོག་དཔར་སྐྲུན་འབད་ཡོདཔ་ལས་བརྟེན་ ལྷག་མི་ཚུ་གིས་དཔེ་དེབ་གཉིས་ཀྱི་བར་ན་ དོན་ཚན་མང་རབས་ཅིག་མ་མཐུནམ་མཐོང་ཡོདཔ་ལས་ དཔེ་དེབ་ག་ལུ་ཆ་བཞག་ནི་ཨིན་ན་མ་ཤེས་པའི་དཀའ་ངལ་བྱུང་ནུག གནད་དོན་དེ་ལས་བརྟེན་ཏེ་ རྒྱལ་ཡོངས་དཔེ་མཛོད་ཀྱི་ཞིབ་འཚོལ་པ་དང་ གསུང་རྟེན་བརྟག་ཞིབ་ཀྱི་སྡེ་ཚན་གྱིས་ སྒྲིག་ལམ་གྱི་དཔེ་དེབ་དེ་གཉིས་བསྐྱར་ཞིབ་མཐིལ་ཕྱིན་འབད་དེ་ ཚད་ལྡན་གྱི་དཔེ་དེབ་རྫོང་ཁའི་ནང་བྲིས་ཏེ་ཡོད་མི་གཅིག་ གསར་བཏོན་འབད་ནིའི་འཆར་གཞི་ཡོདཔ་ཨིན།།

ལས་དོན་གཉིས་པ་ དཀོན་དྲག་པའི་ཕྱག་དཔེ་ཚུ་ཆོས་སྐད་ལས་རྫོང་ཁའི་ ནང་སྐད་བསྒྱུར་དང་ཞུན་དག་འབད་ནི་།

༡∙ རྒྱལ་པོ་སིན་དྷུ་རཱ་ཛའི་རྣམ་ཐར།

རྒྱལ་པོ་སིན་དྷ་ར་ཛའི་རྣམ་ཐར་འདི་ གུ་རིན་པོ་ཆེའི་སློབ་མ་རྗེ་འབངས་ཉེར་ལྔའི་ནང་གསེས་ ལྡན་མ་རྩེ་མངས་ཀྱིས་མཛད་ཡོད་པའི་ཕྱག་དཔེ་ནང་ལུ་ དུས་རབས་བརྒྱད་པའི་ནང་ བུམ་ཐང་ལུ་རྒྱལ་རབས་ཅན་གྱི་མཛད་བྱ་ཚུ་བཀོད་དེ་ཡོདཔ་ཨིན། འབྲུག་པའི་རྒྱལ་རབས་ནངལུ་ཡང་ རྒྱལཔོ་སི་དྷུ་རཱ་ཛའི་རྣམ་ཐར་འདི་ གལ་ཅན་གཅིག་སྦེ་ཆ་བཞག་དོ་ཡོདཔ་མ་ཚད་ ཤིན་ཏུ་དཀོན་པའི་ཕྱག་དཔེ་འདི་ ཧེ་མ་ནམ་ཡང་དཔར་བསྐྲུན་མ་འབདཝ་ལས་བརྟེན་ རྫོང་ཁ་ནང་སྐད་བསྒྱུར་འབད་དེ་ སྤྱིར་དཔེ་དེབ་ལྷག་མི་ག་ར་དང་ བྱེ་བྲག་ཏུ་ཞིབ་འཚོལ་པ་ཚུ་ལུ་ཕན་ཐོག་ནིའི་དོན་ལུ་ དཔར་བསྐྲུན་འབད་ནི་ཨིན༎